sangyep01_日常凈煙儀軌簡本.g2.0f
桑杰朋措教言集SP2རྒྱུན་ཁྱེར་གྱི་བསངས་ཡིག་བསྡུས་པ། 1-5 ༄༅། །རྒྱུན་ཁྱེར་གྱི་བསངས་ཡིག་བསྡུས་པ། ༄༅། །རྒྱུན་ཁྱེར་གྱི་བསངས་ཡིག་བསྡུས་པ་བཞུགས་སོ།། ཨོཾ་སྭ་སྟི། བསངས་རྫས་ཅི་འབྱོར་བ་ཆབ་ཀྱིས་བྲན་ཏེ། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་སྐྱབས་སེམས་བྱས་ལ། ཨོཾ་ཆོས་ཉིད་མི་འགྱུར་རྟེན་ ཅིང་འབྲེལ་འབྱུང་དང་། །དཀོན་མཆོག་ཐུགས་རྗེས་བདག་གི་མོས་པ་ཡིས། །བསངས་མཆོད་སྣ་ཚོགས་བཤམས་ཤིང་སྤྲུལ་པ་རྣམས། །མཁའ་དབྱིངས་ཁྱབ་པ་དུས་ཀུན་འབྱུང་བ་དག །རང་རང་མོས་པ་བཞིན་དུ་སྤྱོད་གྱུར་ཅིག ། ཉམས་གྲིབ་སེལ་བའི་དྲི་ཞིམ་བསངས་མཆོད་འདིས། །ལུང་རྟོགས་བསྟན་པ་གང་ལ་རག་ལས་པས། །རྩ་བརྒྱུད་འདྲེན་པའི་བླ་མ་ཐམས་ཅད་བསངས། །ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་བསངས། །བསྟན་སྲུང་ནོར་ལྷ་ དཀར་ཕྱོགས་ཐམས་ཅད་བསངས། །ཁྱད་པར་ཡུལ་འདིར་གནས་པའི་ཡུལ་ལྷ་བསངས། །རང་དང་གྲོགས་ལ་འགོ་བའི་ལྷ་རྣམས་བསངས། །མགོན་སྐྱབས་བྱེད་དང་ལམ་ལ་གནས་པ་བསངས། །མདོར་ན་འདིར་མང་སྨོས་པས་ཅི་ཞིག་ འཚལ། །སྣང་སྲིད་སྐྱེ་འགྲོ་ཡོད་དོ་ཅོག་ཀུན་བསངས། །དེ་ལྟར་བསངས་མཆོད་ཕུལ་བའི་བྱིན་གྱིས་མཐུས། །བདག་ཅག་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །མི་ལ་ན་ཚ་ཕྱུགས་ལ་གོད་མ་བཏང་། །ལེགས་པའི་གཞི་ ཐིངས་ཉེས་པའི་ཕྱོགས་ལས་སྲུངས། །རྐྱེན་དབང་ཕན་ཚུན་འཛེར་འཕོག་བྱུང་བ་རྣམས། །མཁའ་ལ་སྤྲིན་དེངས་བཞིན་དུ་བཟོད་པར་གསོལ། །རྩ་བརྒྱུད་བླ་མ་མཆོག་གསུམ་ཐུགས་རྗེ་དང་། །འདིར་མཚོན་རྣམ་དཀར་དགེ་ཚོགས་ཀུན་གྱི་མཐུས། ། 1-6 ཚོགས་སྤེལ་བགེགས་སེལ་འདོད་དོན་ཀུན་འགྲུབ་པའི། །བཀྲ་ཤིས་དམ་པས་དེང་འདིར་བདེ་ལེགས་ཤོག །རྒྱུན་ཁྱེར་གྱིས་བསངས་ཡིག་བསྡུས་པ་འདིའང་སངས་རྒྱས་ཕུན་ཚོགས་ཀྱིས་སོ།། །།སརྦ་མངྒ་ལཾ། །དགེའོ་ཞལ་གྲོ། །།
目錄 རྒྱུན་ཁྱེར་གྱི་བསངས་ཡིག་བསྡུས་པ།
【現代漢語翻譯】 桑杰朋措教言集SP2,日常薰香簡集。 日常薰香簡集。 日常薰香簡集。 嗡 索斯地!將所有薰香材料用水灑濕,唸誦三遍皈依佛法僧眾,併發起菩提心。 嗡,法性不變,緣起性空。 以三寶的慈悲和我的虔誠。 獻上各種薰香供養和化現。 愿它們遍佈虛空,恒時涌現。 愿一切眾生各隨所愿,盡情享用。 以此消除違緣的芳香薰香供養。 凡是對經律論三藏的教法有助益的。 我薰香供養根本傳承的上師們。 薰香供養本尊壇城、諸佛菩薩。 薰香供養護法神、財神等一切白方神靈。 特別是,薰香供養住於此地的地神。 薰香供養守護我和朋友的諸位神靈。 薰香供養給予庇護和指引道路的神靈。 總而言之,在此無需多言。 薰香供養所有顯現世間的眾生。 如是薰香供養的加持力。 愿我們一切所愿如法成就。 愿人無疾病,畜無災害。 守護善妙之基,遠離罪惡之方。 愿消除互相爭鬥所造成的損害。 如空中烏雲消散般平息。 祈願根本傳承上師和三寶的慈悲。 以及此處所代表的一切善行功德力。 愿增長福德,消除障礙,一切願望皆能成就。 愿吉祥如意,當下幸福安樂! 此日常薰香簡集由桑杰朋措所著。 薩瓦 曼嘎拉姆!(藏文:སརྦ་མངྒ་ལཾ།,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalam,一切吉祥!) 善哉!吉祥! 目錄 日常薰香簡集
【English Translation】 Sangye Phuntshog's Instructions SP2, Abridged Daily Incense Offering. Abridged Daily Incense Offering. Abridged Daily Incense Offering. Om Swasti! Sprinkle all incense materials with water, recite the Three Refuges and generate Bodhicitta three times. Om, the nature of reality is immutable, dependent arising is emptiness. With the compassion of the Three Jewels and my devotion. I offer various incense offerings and emanations. May they pervade the sky and constantly arise. May all beings enjoy them according to their wishes. With this fragrant incense offering that dispels negativities. Whatever depends on the teachings of scripture and realization. I offer incense to all the root and lineage lamas. I offer incense to the mandala of yidam deities, Buddhas, and Bodhisattvas. I offer incense to the Dharma protectors, wealth deities, and all white-sided spirits. Especially, I offer incense to the local deities residing in this place. I offer incense to the deities who protect me and my friends. I offer incense to the deities who give protection and guide the path. In short, there is no need to say more here. I offer incense to all sentient beings in existence. Through the power of the blessing of this incense offering. May all our wishes be fulfilled according to the Dharma. May there be no disease for humans and no harm for livestock. Protect the basis of goodness and guard against the side of evil. May the harm caused by mutual conflict be pacified. May it be resolved like clouds dissolving in the sky. I pray for the compassion of the root and lineage lamas and the Three Jewels. And through the power of all the white virtuous accumulations represented here. May increase of merit, elimination of obstacles, and fulfillment of all wishes be accomplished. May auspiciousness and happiness prevail today! This Abridged Daily Incense Offering was written by Sangye Phuntshog. Sarva Mangalam! (Tibetan: སརྦ་མངྒ་ལཾ།, Sanskrit Devanagari: सर्व मङ्गलम्, Sanskrit Romanization: sarva maṅgalam, May all be auspicious!) Good! Auspicious! Table of Contents Abridged Daily Incense Offering