lodroe0651_事業祈請文願望自成.g2.0f
昂旺袞嘎羅卓教言集NKL265འཕྲིན་ལས་བསྐུལ་ཚིག་རེ་སྨོན་ལྷུན་གྲུབ་བཞུགས་སོ།། 6-738 ༄༅། །འཕྲིན་ལས་བསྐུལ་ཚིག་རེ་སྨོན་ལྷུན་གྲུབ་བཞུགས་སོ།། ༄༅། །འཕྲིན་ལས་བསྐུལ་ཚིག་རེ་སྨོན་ལྷུན་གྲུབ་བཞུགས་སོ།། ཀྱཻ། ཕོ་ལྷ་གནམ་ཐེ་དཀར་པོ་འཁོར་བཅས་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོའི་ཚོགས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་མཐའ་ཀླས་པར། །ཏིང་ འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །དང་བའི་སེམས་ཀྱིས་འབུལ་ལོ་དགྱེས་པར་རོལ། །རྩ་བརྒྱུད་བླ་མའི་བཀའ་བསྒོ་དམ་ཚིག་དང་། །ལས་དང་སྨོན་ལམ་དབང་གིས་འབྲེལ་བ་ལྟར། །ཇིང་གིར་རིགས་བརྒྱུད་གཡོག་ འཁོར་བཅས་པ་དང་། །རྒྱ་མ་ཁྲི་ཁང་ཡུལ་འཁོར་ལོངས་སྤྱོད་ལ། །ཉིན་མཚན་བསྲུང་སྐྱོབ་བྱ་ར་མེལ་ཚེ་མཛོད། །འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང་། །ཕུན་ཚོགས་དཔལ་འབྱོར་མ་ལུས་རྒྱས་པ་དང་། ། འདོད་དགུ་མ་ལུས་དབང་དུ་འདུ་བ་དང་། །དགྲ་བགེགས་རྩད་ནས་གཅོད་པའི་འཕྲིན་ལས་མཛོད། །ཕོ་ལྷ་གཉེན་པོ་འཁོར་དང་བཅས་པ་ནི། །ཧོར་བརྒྱུད་འཁོར་དང་བཅས་ལ་རྗེས་བརྩེ་ལྟར། །འཕྲལ་དང་ཡུན་གྱི་ ཕན་བདེ་མ་ལུས་པ། །མྱུར་དུ་འགྲུབ་པའི་ཕྲིན་ལས་དུས་ལ་བབས། །གཡབ་ཚེ་གསལ་བའི་སྤྱན་ནི་མ་ཡེངས་ཤིག །བོས་ཚེ་གསང་བའི་སྙན་ནི་མ་རིང་ཞིག །བསྟེན་ཚེ་ཀོ་ལོང་ཕྲག་དོག་མ་མཛད་ ཅིག །རྦད་ཚེ་མཐུ་དང་ནུས་པ་མ་ཆུང་ཞིག །གནས་འདིར་ཆར་ཆུ་ཕེབས་ཤིང་ལོ་ཕྱུགས་ལེགས། །མི་ཕྱུགས་ཟས་གོས་ལོངས་སྤྱོད་ཕུན་སུམ་ཚོགས། །ཚེ་རིང་ནད་མེད་བསམ་དོན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། ། 6-739 ཅེས་རྒྱ་མ་ཁྲི་ཁང་སྒེར་གྱི་ཕོ་ལྷ་གནམ་ཐེ་དཀར་པོ་ལ་འཕྲིན་འཆོལ་གྱི་ཚིག་འདི་ཡང་ཁྲི་དཔོན་རིན་པོ་ཆེ་ཛ་སག་དབང་སྡུད་དགྲ་འདུལ་གྱི་བཀས་བསྐུལ་བ་བཞིན་ས་སྐྱ་པ་ངག་ དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཁྲི་ཁང་དཔལ་འབྱོར་འཁྱིལ་པར་སྦྱར་བ་དགེ། །།མངྒ་ལཾ།། །།
【現代漢語翻譯】 昂旺袞嘎羅卓教言集NKL265,祈願事業成就。 祈願事業成就。 祈願事業成就。 嗟! 偕同眷屬的白色天神福祿, 以外內密供云的無垠大海, 以實物、所獲、意幻,無邊無際的供養, 以三摩地、真言和手印加持, 以純凈之心供養,請歡喜享用! 如根本傳承上師的教誨、誓言, 以及業和願力所繫的, 成吉思家族的世系眷屬, 以及嘉瑪赤康的土地、財富受用, 請日夜守護,積聚福德資糧。 平息違緣、疾病、邪魔障礙, 圓滿一切興盛的財富, 一切所愿皆能如意成就, 請行息增懷誅的事業。 偕同眷屬的福祿護法, 如對霍爾世系的眷顧, 所有暫時和究竟的利益安樂, 迅速成就的事業,時機已到。 請勿轉移明亮的慧眼! 請勿疏遠秘密的妙耳! 請勿吝惜依止的助伴! 請勿減弱降伏的威力和能力! 愿此地風調雨順,人畜興旺。 人畜的食物、衣物、受用豐足圓滿。 愿長壽無病,心想事成, 並具足利益眾生的威力和能力。 此乃為嘉瑪赤康私人的福祿天神所作的祈請文,應赤康仁波切札薩旺堆札杜之請,由薩迦派阿旺袞嘎洛哲桑結丹貝堅贊貝桑波于赤康帕覺克伊爾所作。吉祥!
【English Translation】 NKL265 of Ngawang Kunga Lodro's Teachings, A Prayer for Spontaneous Fulfillment of Activities. A Prayer for Spontaneous Fulfillment of Activities. A Prayer for Spontaneous Fulfillment of Activities. Kye! All you white Pho Lha Namte (ཕོ་ལྷ་གནམ་ཐེ་,male deity of the sky) and your retinue, Outer, inner, and secret clouds of offerings, an ocean of gatherings, Actual offerings, wealth, and mind-created offerings, limitless as the sky, Bless them with samadhi, mantra, and mudra, Offer them with a pure heart, enjoy them with delight! According to the commands and vows of the root and lineage lamas, And according to the connection of karma and aspiration, The lineage and retinue of the Jinggir family, And the land, environment, and possessions of Gyama Khrikhang, Protect and guard them day and night, accumulate the treasure of merit. Pacify obstacles, diseases, evil spirits, and hindrances, Increase all prosperity and wealth, Gather all desires under your power, And perform the activity of cutting off enemies and obstructors from their roots. Pho Lha Nyenpo (ཕོ་ལྷ་གཉེན་པོ་,male deity friend) and your retinue, Just as you cherish the Hor lineage and its retinue, All temporary and ultimate benefit and happiness, The time has come for the activity of swiftly accomplishing them. Do not avert your clear, discerning eyes! Do not distance your secret, attentive ears! Do not be jealous of those who rely on you! Do not diminish your power and ability to subdue! May rain and water fall in this place, and may the crops and livestock thrive. May humans and livestock have abundant food, clothing, and possessions. May there be long life, freedom from illness, and fulfillment of wishes, And may you be endowed with the power and ability to benefit beings. This prayer for the Pho Lha Namte (ཕོ་ལྷ་གནམ་ཐེ་,male deity of the sky) of Gyama Khrikhang was composed at Khrikhang Paljor Khyil by Sakya Ngawang Kunga Lodro Sangye Tenpai Gyaltsen Pal Zangpo, as requested by Khripon Rinpoche Dzasa Wangdu Drakdul. May it be auspicious!